分享

噶陀成就者大堪布索郎丹比堅贊(俗稱:阿索老堪布)示现圆寂

 地藏菩萨mohesa 2017-09-02




༈ མཆེད་པོ་རྣམ་པར་ཡིད་སྐྱོ་བའི་སྐད་ཆ་ཞུ་ཡིག།

ཀཿཐོག་མཁན་ཆེན་བསོད་ནམས་བསྟན་པའི་རྒྱལ་མཚན་ནམ་ཤཱཀྱའི་དགེ་སློང་ཐུབ་བསྟན་ཡེ་ཤེས་འོད་ཟེར་མཆོག །བོད་རབ་བྱུང་བཅུ་བདུན་པའི་མེ་བྱ་ལོ་ཟླ་ལྔ་པའི་ཚེས་ཉི་ཤུ་སྲོད་དུས་སུ། མདོ་སྨད་ཉག་རོང་དབེན་ཁྲོད་ཉི་ལམ་སྒང་བསམ་གཏན་གྱི་སྤྱིལ་བུ་རུ་སྐུ་ཞི་བར་གཤེགས་སོང་། གཤེགས་རྗེས་ཀྱི་བྱ་བ་རྣམས་ཁོང་ཉིད་ཀྱི་ཞལ་ཆེམས་ཕྱག་བྲིས་ཕྱག་བསྟར་མ་ཆོས་གོས་དང་མཉམ་དུ་འདྲིལ་བ་ཞིག་ཐོན་པ་ཇི་ལྟ་བ་བཞིན་དུ་བསྒྲུབས་པ་ལགས་སོ།།
ཞལ་ཆེམས་ནི་ཉིན་བཞིའི་བར་བཞག་ནས་གདུང་སྲེག་རྗེས་རུས་བུ་གདུང་ཐལ་ཆུར་བླུགས་ཏེ་རྟེན་བཞེངས་མི་དགོས་པ་དང་གཅིག །གཤིན་ཆོས་གདུང་མཆོད་དང་གདུང་མཇལ་མི་བྱ་བ་དང་གཉིས། ཉིན་ཞེ་དགུའི་བར་གསང་རྒྱ་བསྡམ་དགོས་པ་དང་གསུམ། ཡང་སྲིད་སྤྲུལ་སྐུ་མེད་པ་དང་བཞི་བཅས་གསལ་པོར་གསུང་ཡོད་པའི་ཕྱག་བྲིས་འདྲ་པར་ཉིད་ལ་ཞིབ་གཟིགས་གནང་རོགས་ཞུའོ།།
࿑ སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །དཔལ་ལྡན་བླ་མའི་དམ་ཚིག་ལ་གནས་ཤོག །
ཅེས་རྗེས་ལུས་སློབ་འབངས་ཉེ་གནས་རྣམས་ཀྱིས་ཟླ་༧པའི་ཚེས་༡༡ཕྱི་མ་ཉིན་ཞུས་ཤིང་སྨོན་པའོ།།🙏🙏🙏

悲恸告訴諸師兄的信
噶陀佛學院院長、教授、持戒王、大圓滿實修實證的成就者大堪布索郎丹比堅贊(俗稱:阿索老堪布),法號釋迦比丘智光,於藏曆第十七饒迥火雞年五月二十日亥時(2017年7月14日),在多麥郎榮(今四川省甘孜藏族自治州新龍縣樂安鄉)尼洛貢山林禪堂里圓寂了,後事處理完全按照堪布上師的遺書辦理。遺書寫:一 保密四天後不要公開荼毗,靈骨磨粉放水里不建塔;二 不要開法會念經和做修供儀軌;三 一定要保密四十九天才能公告;四 我決定沒有轉世靈童。如果想進一步了解遺書,請看原稿照片!
祈願未來生生世世中,
投身妙氏聰慧無傲慢,
具有慈悲恭敬上師心,
守護根本上師金剛語!
🙏🙏🙏
後事辦理小組弟子們
藏曆七月十一日公告

    本站是提供个人知识管理的网络存储空间,所有内容均由用户发布,不代表本站观点。请注意甄别内容中的联系方式、诱导购买等信息,谨防诈骗。如发现有害或侵权内容,请点击一键举报。
    转藏 分享 献花(0

    0条评论

    发表

    请遵守用户 评论公约