分享

མ་ཤེས་ཐབ་མེད་ཀྱི་འཚོ་བའི་རྒྱུན་ཤེས་ལྔ།五种健康常识

 地藏菩萨mohesa 2017-11-20


མི་ཚང་མར་བདེ་ཐང་གི་གཟུགས་གཞི་ཞིག་དབང་ན་བསམ་གྱི་ཡོད། འོ་ན། དུས་རྒྱུན་གྱི་འཚོ་བ་དང་འབྲེལ་བའི་རྒྱུན་ཤེས་མང་པོ་ཞིག་ཡོད་པ་དེ་ཁྱེད་ཀྱི་ཤེས་སམ།

每个人都渴望拥有一个健康的身体,在我们日常生活中,有很多与健康息息相关的小常识,不知道大家是否有注意到呢?


གློག་ཀླད་ཁ་ཕྱེ་དུས་ཀྱི་འགྱེད་འཕྲོའི་ནུས་པ་ཤུགས་ཆེ་ཤོས་ཡིན་པས། གློག་ཀླད་ཁ་ཕྱེ་ཚར་རྗེས་དེ་དང་ཐག་རིང་བའི་སར་ཕྱིན་ཏེ་འགྱེད་འཕྲོའི་གནོད་པ་ལ་གཡོལ་དགོས། གློག་ཀླད་བེད་སྤྱོད་བྱེད་སྐབས། དེའི་འཆར་ངོས་དང་བར་ཐག་སྤྱི་སྐར་བཞི་བཅུ་ཡན་གཞག་ཚེ། འགྱེད་འཕྲོའི་ནུས་པ་ཤུགས་ཆུང་དུ་འགྲོ་ཐུབ། 

电脑开机的那段时间所释放出来的辐射值是最高的,所以按完开机键,请站起来走开,避免接受辐射。而在使用电脑的时候,如果能够保持与屏幕的距离在四十公分以上,电脑对人体的辐射就会降低很多。

ཙོག་སྡོད་སྤྱོད་མིག་ཤིན་ཏུ་སྟབས་བདེ་ཞིང་། ཐད་སྡོད་སྤྱོད་མིག་དང་བསྡུར་ན་གཟུགས་པོའི་ལྗིད་ཚད་མང་ཆེ་བ་དེས་འདེགས་ཐུབ། དོན་དངོས་ཐོག་ཐད་སྡོད་སྤྱོད་མིག་གི་སྡོད་སྟངས་དེ། ཕོ་རྒྱུའི་འཁོར་རྒྱུག་ལ་ཕན་ཐོགས་ཆེན་པོ་ཡོད། ཙོག་སྡོད་སྤྱོད་མིག་ཐད་ཀར་གཟུགས་པོ་དང་ཐུག་ཅིང་། མི་མང་པོས་བེད་སྤྱོད་བྱས་པར་བརྟེན། ནད་འགོས་རེས་བྱེད་པའི་ཉེན་ཁ་ཆེན་པོ་ཡོད། 

座便器很方便,而且比起蹲坑不知道要省力舒适多少。可实际上,蹲坑那种看着很吃力的姿势,才是最有助于胃肠道运作的。并且座便器由于与皮肤直接接触,多人使用,很容易会引起某些疾病的传播。

མི་ཁག་ཅིག་གཙང་སྦྲར་ཧ་ཅང་དགའ་བས། ཉིན་སྟར་གཟུགས་པོ་བཀྲུ་བ་མ་ཟད། ཆུ་དྲོད་ཚད་མཐོ་པོ་བེད་སྤྱད་དེ། གཅིག་ནས་འཕྲོད་བསྟེན་དང་གཉིས་ནས་གཟུགས་གཞི་ལྷོད་པོ་ཡོང་བ་བྱེད་ཀྱི་ཡོད། དེ་ལྟར་བྱེད་པ་ནི་སྐོགས་རིམ་ལ་གཏོར་སྐྱོན་གཏོང་བ་དང་གཅིག་མཚུངས་ཡིན། སྐོགས་རིམ་གྱི་ནུས་པ་ནི་པགས་པར་སྲུང་སྐྱོབ་བྱས་ཏེ། གཟུགས་པོ་སྐམ་ཤས་ཆེ་རུ་མི་འགྲོ་བའི་ཆེད་དུ་ཡིན། ཉིན་ལྟར་ཆུ་ཚ་པོས་གཟུགས་པོ་འཁྲུ་མཁན་ཚོར། སྐམ་ཤས་ཆེ་བ་དང་ཟ་འཕྲུག་ལངས་བཞིན་ཡོད་པ་མ་ཟད། གཟུགས་པོ་བཀྲུ་དུས་འཕུར་མཉེས་ཤུགས་ཆེན་བཏང་ཚེ་ཟ་འཕྲུག་དེ་བས་ལངས་བ་ཡོད། དབྱར་དུས་ཚ་བ་ཆེ་དུས་ཉིན་རེར་གཟུགས་པོ་ཐེངས་རེ་བཀྲུས་ན་འགྲིག་མོད། གནམ་གཤིས་གྲང་དུ་སོང་རྗེས་གཟའ་འཁོར་རེར་གཟུགས་པོ་ཐེངས་གཉིས་བཀྲུས་ན་འགྲིག་ཅིང་། ཆུའི་ཚ་གྲང་ཡང་གཟུགས་པོ་མ་འཁྱག་ཙམ་ཞིག་བྱས་ན་འགྲིག 

有些人很爱干净,每天都要洗澡,而且水温很高,觉得这样既讲卫生又舒适。殊不知这样的做法等于是在破坏皮肤表面的角质层,而角质层的作用就是为了保护皮肤,让水分不容易丢失。所以天天洗热水澡的人多数会觉得皮肤干痒厉害,而洗澡时很用心搓澡的就更容易发痒了。因此夏天出汗比较频繁的情况下可以每天洗澡,天气转凉后一周洗两次就足够了,水温也要控制一些,只要皮肤不会感觉冷就可以了。

སྐྲ་ཚོས་རྒྱག་མཁན་དག་གི་ངེས་དགོས་པ་ཞིག་ལ། གལ་སྲིད་ཁྱེད་ཀྱི་སྐྲ་ཚོས་དཀར་པོ་བརྒྱབ་ཚེ། སྐྲ་ཚོས་དམར་པོ་དང་སྨུག་པོ་སོགས་རྒྱག་པ་ལས་གནོད་འཚེ་ཆེ་བ་ཡོད། སྐྲ་ནག་པོ་དེ་དཀར་པོ་བཟོ་བསམ་ཚེ། ངེས་པར་དུ་སྔོན་ལ་སྔར་གྱི་ཚོས་གཞིར་བསྒྱུར་རྗེས། གཞི་ནས་ཚོས་བརྒྱབ་ན་འགྲིག  ཚོས་གཞི་འགྱུར་བྱེད་ཀྱི་རྫས་འགྱུར་དངོས་པོ་ནི་ཚོས་རྒྱག་པ་ལས་གནོད་འཚེ་ཆེ་བ་ཡོད།

喜欢染发的童鞋要注意了,如果你打算染的颜色越淡,像银白、淡黄,那么你所受到的化学制剂的危害将比染成红色、紫色等深色更大。因为要想将原先的黑色变成淡色,就必须要先褪去原色,然后才能着色。而这种褪色剂对人体的健康所带来的伤害是相当大的,比着色剂要大得多。

ཆུ་ཁོལ་མས་འབྲས་བཙོས་ཚེ། འབྲས་མགྱོགས་པོར་ཚོས་ཐུབ་པ་ཙམ་མ་ཟད། ཆུ་ཁོལ་ལ་འབྲས་ཀྱི་འཚོ་བཅུད་མི་ཤོར་བའི་ནུས་པ་ལྡན་ཡོད།

烧饭的时候使用开水,不仅可以缩短烧饭的时间,而且开水能最大程度低保护大米中的营养成分不流失。

来源:网络整理

    本站是提供个人知识管理的网络存储空间,所有内容均由用户发布,不代表本站观点。请注意甄别内容中的联系方式、诱导购买等信息,谨防诈骗。如发现有害或侵权内容,请点击一键举报。
    转藏 分享 献花(0

    0条评论

    发表

    请遵守用户 评论公约