མགོ་བོ་སྒུར་བ་ནི་ཐབས་ཤེས་ཤིག་ཡིན། 低头是一种智慧 འཚོ་བའི་བྲོ་བར་མངར་སྐྱུར་གཉིས་ཀ་ཡོད་ལ། 生活的滋味,有甜也有苦, མི་ཚེའི་ལམ་བུར་སྐྱིད་སྡུག་གཉིས་ཀ་ཡོད། 人生的路途,有顺也有难。 མི་ཡུལ་འདི་རུ་ཐམས་ཅད་ཕུན་སུམ་ཚོགས་པའི་མི་ཞིག་མེད་ལ། 人世间,没有十全十美的人, འཚོ་བའི་ཁྲོད་དུ་བྱས་ཚད་ཡིད་བཞིན་འགྲུབ་པའི་ལས་དོན་མེད། 生活中,也没有样样顺心的事。 མཁྲེགས་པ་གཅོག་པར་སླ་ཡང་། 至刚则易折, སྙི་བ་གཅོག་དུ་མི་བཏུབ་པ་དངོས་པོའི་ཆོས་ཉིད་དོ། 至柔反却无损。 འཇིག་རྟེན་བྱ་བར་གདོང་གཏད་དུས་ཐབས་ཤེས་ཤིག་ཡོད་པ་དེའི་མིང་ལ་མགོ་བོ་སྒུར་བ་ཟེར། 面对世事,有一种智慧叫作“低头”: ཟུར་ཟའི་མདུན་དུ་མགོ་སྒུར་དགོས། 在嘲讽面前低头, ཁ་རྡུང་མི་གཏོང་སེམས་མི་ཁྲོ། 不抨击,不愤怒; གོ་ནོར་ཐེབས་དུས་མགོ་སྒུར་དགོས། 在误会面前低头, སུན་སྣང་མི་སྐྱེ་ཞེ་ཁོན་མི་ལངས་། 不委屈,不争锋; སྐུར་འདེབས་མདུན་དུ་མགོ་སྒུར་དགོས། 在诽谤面前低头, དགག་སྒྲུབ་མི་བྱ་ལན་མི་སློག 不强辩,不报复; ཁེ་ཕན་མདུན་དུ་མགོ་སྒུར་དགོས། 在利益面前低头; བཙན་བདག་མི་བྱ་ཞེན་ཆགས་མི་བྱེད། 不贪图,不霸占; གནོད་འཚེའི་མདུན་དུ་མགོ་སྒུར་དགོས། 在伤害面前低头, འཁོན་ལན་མི་སློག་ཞེ་སྡང་མི་སྐྱེ། 不嗔恨,不报仇; གཉོམ་ཆུང་མདུན་དུ་མགོ་སྒུར་དགོས། 在弱者面前低头, ང་རྒྱལ་མི་སྐྱེ་བརྙས་བཅོས་མི་བྱ། 不傲慢,不欺侮; རྒྱུ་འབྲས་མདུན་དུ་མགོ་སྒུར་དགོས། 在因果面前低头, བཟང་རྫུ་མི་བྱ་ལས་ངན་མི་སྒྲུབ། 不伪善,不造恶。 མགོ་བོ་སྒུར་བ་ནི་དཔའ་ཞུམ་པ་མིན་ལ། 不要把低头看成怯懦, བཟོད་པ་སྒོམ་པ་དེ་ཡང་གྱོང་རག་པ་མིན། 不要把让步认为认错, བརྩི་བཀུར་བྱས་པ་ནི་བདེན་དོན་མེད་པ་མ་ཡིན་ལ། 不要把尊重当成理亏, ཀུན་ལ་ཕན་པར་སྒྲུབ་པ་ནི་བླུན་པོ་མིན། 不要把利众看作愚痴。 མགོ་བོ་སྒུར་བ་ནི་ལ་རྒྱ་ཤོར་བ་མ་ཡིན་ལ། 低头,不代表放下了尊严, མཐོ་དམན་ཡོད་ནས་སྐྱབས་ཞུ་བྱས་པ་ཡང་མ་ཡིན་པར། 也并非卑微地乞求, དེ་ནི་ཁེངས་སྐྱུང་ཞིག་དང་བློ་རྒྱ་ཞིག 而是一种谦虚,一种气度, ལྷག་པར་ཀུན་སྤྱོད་ཅིག་དང་ཤེས་རབ་ཅིག་གོ། 一种修养,更是一种取舍的智慧。 ཁྱིམ་མིའི་མདུན་དུ་མགོ་བོ་སྒུར་བ་ནི་དུངས་བ་ཡིན། 在家人面前低头是亲情, དགའ་སའི་མདུན་དུ་མགོ་བོ་སྒུར་བ་ནི་བརྩེ་དུང་ཡིན། 在爱人面前低头是爱情, གྲོགས་ཀྱི་མདུན་དུ་མགོ་བོ་སྒུར་བ་ནི་མཛའ་བརྩེ་ཡིན། 在朋友面前低头是友情, སེམས་ཅན་མདུན་དུ་མགོ་བོ་སྒུར་བ་ནི་བྱམས་སེམས་ཡིན། 在众生面前低头即是慈悲。 མགོ་བོ་སྒུར་ཤེས་ན་ཕན་ཚུན་གྱི་བརྩེ་བ་བརྟན་འཇགས་དང་ 学会低头,才能让彼此感情稳固, འགལ་བ་ཇེ་ཉུང་ 学会低头,才能让彼此减少冲突, ད་དུང་བདེ་སྐྱིད་ལྡན་པར་བྱས་ཏེ་ 学会低头,才能让彼此感到幸福, ད་གཟོད་འཆམ་མཐུན་ངང་མཉམ་གནས་བྱ་ཐུབ་བོ། 学会低头,才能让彼此和谐共处。 རང་གི་མགོ་བོ་སྒུར་ན། 低下了自己头, གཞན་གྱི་སེམས་པ་བཞུ། 却融化了他人的心。 མགོ་བོ་སྒུར་བའི་ཉེར་ལེན་གྱིས་ཁྱེད་ལ་གོ་ནོར་ཤོར་བའི་སྐྱེ་བོར་ནོངས་འགྱོད་སྐྱེ་རུ་འཇུག་ཅིང་། 因为低头,让误会你的人,充满愧疚, ཁྱེད་ལ་ལྐོག་གནོད་ཤོར་བའི་མི་ལ་སེམས་པ་མི་བདེ་བར་གཏོང་སྲིད། 因为低头,让算计你的人,心感不安, མགོ་བོ་སྒུར་བའི་ཉེར་ལེན་གྱིས་ཁྱེད་ལ་གནོད་འཚེ་བྱ་མཁན་ཀྱི་སྐྱེ་བོར་འགྱོད་པ་སྐྱེ་རུ་འཇུག་ཅིང་། 因为低头,让了解你的人,苏醒善心。 ཁྱེད་ལ་ཆ་རྒྱུས་ཆེ་བའི་སྐྱེ་བོའི་རྒྱུད་ལ་བྱམས་སེམས་འཕེལ་དུ་འཇུག་གོ། ཐུབ་བསྟན་འགྲོ་འདུལ་རྡོ་རྗེས། ༢༠༡༨-༠༤-༢༠ཉིན། 土登卓顿多杰 2018年4月20日 |
|