分享

【措措税语】微信、支付宝藏汉双语城乡居民基本医保缴费流程

 措措税语 2023-04-29 发布于西藏

    ཉིན་ཤས་གོང་གུས་མོས་གྲོང་ཁྱེར་དང་གྲོང་གསེབ་བདེ་སྡོད་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྲོན་དངུལ་བསྐྱལ་བའི་ཡིག་ཆའི་ནང་དོན་ཞིག་སྤེལ་བས། དྲྭ་གྲོགས་མང་པོས་དོ་ཁུར་ཆེན་པོ་བྱས་ཤིང་། གུས་མོར་སྒེར་འབྲེལ་བྱེད་ཡོང་གི་འདུག་པས། ད་ཐེངས་ཆེད་མངགས་བོད་སྐད་རྒྱ་སྐད་གཉིས་ཀྱི་ལམ་ནས་འཕྲིན་ཕྲན་བརྙན་ཐུང་ཞིག་བཟོས་ཏེ་སྨན་བཅོས་འགན་བཅོལ་་གྲོན་དངུལ་བདེ་བླགས་ངང་བསྐྱལ་ཐུབ་པར་བྱ་རྒྱུ་ཡིན།
       前段时间措措发了一篇关于缴纳城乡居民基本医保费的文章,很多用户通过私信与措措联系,希望能有个藏汉双语的微信缴费视频。今天措措就专门做了一期微信藏汉双语版的医保缴费操作流程,同时有附上支付宝藏汉双语操作流程,希望能帮助大家顺利完成医保缴费。

                                                                 

      དང་ཐོག་ང་ཚོས་འཕྲིན་ཕྲན་བྱ་རིམ་ཆུང་གྲས་ཞེས་པ་འདིའི་ནང་དུ་འཛུལ་རྗེས་གཤམ་ངོས་ཀྱི་ང་མནན་རྗེས་རིམ་བཞིན་ཞབས་ཞུ་བཙལ་ཏེ་གྲོང་ཁྱེར་ཞབས་ཞུ་ནང་དུ་འཛུལ་དགོས།  དེ་རྗེས་དེ་ལས་མང་བ་ཞེས་པ་དེ་མནན་པས་བོད་ལྗོངས་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་བསྐྱལ་བ་མཐོང་ཐུབ་ཅིང་།   མུ་མཐུད་་གྲོང་ཁྱེར་དང་གྲོང་གསེབསྤྱི་ཚོགས་འགན་བཅོལ་དངུལ་བསྐྱལ་བ་མནན་ནས་དངུལ་བསྐྱལ་ལྟེ་གནས་འབྱོར་ཞིང་།  རེ་བ་ལྟར་དུ་མིང་དང་།  ཐོབ་ཐང་ཨང་གྲངས།  འགན་བཅོལ་རིགས་དབྱེ་ལས་སྨན་བཅོས་འགན་བཅོལ་བདམས་ནས་འགན་བཅོལ་རིམ་པ་འཚོལ་ཐུབ།  རིམ་པ་དང་པོ་སྒོར་༡༦༠དང་།  རིམ་པ་གཉིས་པ་སྒོར་༣༥༠ཡིན་ཞིང་  སྒེར་གྱི་མོས་པ་ལ་གཞིགས་ཏེ་དེ་གཉིས་གང་རུང་བདམས་རྗེས་གོ་རིམ་རྗེས་མ་མནན་ནས་ཆ་འཕྲིན་དག་མ་ནོར་བ་ཞིབ་ལྟ་བྱ་རྗེས་དངུལ་སྤྲོད་པ་མནན་ནས་དངུལ་འཐེན་འགྲོ་གི་ཡོད་པས་  དེ་དུས་ཁྱེད་རང་ཐུགས་ཁྲལ་གནང་མི་དགོས

     进入微信小程序,点击下面的“我”-点击“服务”-点击“城市服务”-点击“更多”-点击“西藏社保缴纳”-点击“城乡居民社保缴费”-到了缴费中心后,-输入缴费人姓名和身份证件号码-保险种类选择“医疗保险”,选择“保险档次”-一档是160元、二是350元,点击“下一步”,确认缴费信息,点击“缴费”,输入密码,扣款成功即可。

     དྲན་སྐུལ་ཞུ་རྒྱུར།  སྨན་བཅོས་འགན་བཅོལ་མ་དངུལ་སྤྲོད་པའི་སྐབས་སུ་ངེས་པར་དུ་གོང་གི་གོ་རིམ་དེ་དག་རེ་རེ་བཞིན་གཟབ་གཟབ་ཀྱིས་འཇུག་དགོས་ཤིང་།  གལ་ཏེ་འགན་བཅོལ་དངུལ་བསྐྱལ་ཡས་ཉུང་དྲག་པ་ཡིན་ན་ཁ་གསབ་བྱ་རྒྱུའི་གོ་སྐབས་ཡོད་པས་ཐུགས་ལྷོད་ལྷོད་ཀྱིས་ཤིག །
     在此措措要提醒大家,如果您在缴费过程中,缴费档次选低了,是可以补缴的,千万不要担心哟!
 

       ཁ་གསབ་དངུལ་སྤྲོད་པའི་དུས་ཚོད་ནི་སྨན་བཅོས་འགན་བཅོལ་མ་དངུལ་བསྐྱལ་བའི་དུས་ཚོད་དང་གཅིག་མཚུངས་ཡིན་པས། སྤྱི་ལོ་༢༠༢༣ལོའི་ཟླ་བ་༡པོའི་ཚེས་༡ནས་༢༠༢༣ལོའི་ཟླ་བ་༤པའི་ཚེས་༣༠བར་ཡིན་ཞིང་། མང་ཤོས་ལ་མི་རེར་སྒོར་༣༥༠གཞིར་བཟུང་སྟེ་བསྐྱར་དུ་གྲོང་ཁྱེར་དང་གྲོང་གསེབ་ཡུལ་མིའི་སྨན་བཅོས་འགན་བཅོལ་སྤྲོད་དགོས་ཤིང་། མ་ལག་ནས་རང་འགུལ་གྱིས་ཁ་གསབ་རིམ་པ་གསལ་བས་འཇུག་མཐར་སྤྲོད་དགོས་པའི་དངུལ་ནི་སྒོར་༡༩༠ཡིན།

        在集中征缴期内(2023年1月1日至2023年4月30日)您可按照350元的缴费档次重新缴纳城乡居民基本医疗保险,系统会自动提档补差,最终显示的缴费金额为两档之间的差额190元。
      གསལ་བཤད།  ཁྱེད་ཀྱིས་དངུལ་ཐེངས་དང་པོ་བསྐྱལ་རྗེས་ཁ་གསབ་བྱེད་མི་ཐུབ་པའི་གནད་དོན་ཐོན་ཚེ་ངང་རྒྱུད་རིང་པོས་སྒུག་དགོས་ཤིང་། ཧ་ལམ་གཟའ་འཁོར་གཅིག་གི་རྗེས་སུ་བསྐྱར་དུ་སྙན་ཞུ་འབུལ་ཐུབ་པ་མ་ཟད་ཁ་གསབ་དངུལ་བསྐྱལ་བའི་སྐབས་སུ་དངུལ་གསོག་འབོ་ 支付宝འམ་ཁྲལ་བསྡུ་ཞབས་ཞུ་ཚོམས་ཆེན། སྲིད་དོན་ཞབས་ཞུ་ཚོམས་ཆེན་ཁག་ཅིག་བརྒྱུད་དེ་ལས་གཉེར་བྱེད་ཐུབ།  འཕྲིན་ཕྲན་དང་ཞིང་ལས་དངུལ་ཁང་གི་APPལས་ཁ་གསབ་དངུལ་བསྐྱལ་ཐུབ་ཀྱི་མེད།
      注:第一笔缴费档次160元入完国库后,才能提档补差,否则系统会提示已申报无法重新申报。入国库一般需要5个工作日的时间,需要耐心等待。并且提档补差只能通过支付宝或者办税服务大厅、部分政务服务大厅税务窗口实现,微信和农行掌上APP暂不支持提档补差业务。
                       

 
    ཁག་ཅིག་གིས་ཁྲལ་དོན་ཚོམས་ཆེན་ནམ་ཨུ་ཡོན་ལྷན་ཁང་། སྨན་བཅོས་འགན་བཅོལ་ཚན་ཁག་གིས་རྩ་གཉིས་བཤེར་རྟགས་མཁོ་འདོན་བྱས་ཏེ་དངུལ་བསྐྱལ་ཆོག་ཀྱང་། རྩ་གཉིས་བཤེར་བའི་བརྒྱུད་རིམ་ཁྲོད་ཆ་འཕྲིན་གང་དག་དགོས་མིན་མི་ཤེས་པས་གང་འདྲ་བྱ་དགོས་སམ་ཞེ་ན།
       还有部分用户说,各征收医保的税务大厅、政务大厅或者居委会,医保部门等也会提供缴费二维码,通过扫二维码缴纳医保费。扫码过程中需要提供些信息,不会操作怎么办?
      དྲང་པོར་ཞུས་ན་རྩ་གཉིས་བཤེར་བ་དང་། འཕྲིན་ཕྲན། དངུལ་གསོག་འབོ། ཞིང་ལས་དངུལ་ཁང་APPགྱི་དངུལ་སྤྲོད་སྟངས་གཅིག་པ་ཡིན་པས། གལ་སྲིད་རྩ་གཉིས་བཤེར་རིས་སྟབས་མི་བདེ་ན་ཐད་ཀར་འཕྲིན་ཕྲན་དང་། དངུལ་གསོག་འབོ། ཞིང་ལས་དངུལ་ཁང་APPཐོག་དངུལ་སྤྲོད་ཐུབ་ཅིང་། སྟབས་ཀྱང་བདེ།   
       其实扫码缴费和微信、支付宝、农行掌上APP缴费都是相同的缴费途径,大家如果觉得扫码缴费不方便,可直接通过微信、支付宝、农行掌上APP缴费,这样更方便快捷。
   མཇུག་ཏུ། ལྷན་རྒྱས་ལ་དྲན་སྐུལ་ཞུ་རྒྱུར། ༢༠༢༣ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་འགན་བཅོལ་མ་དངུལ་བསྐྱལ་བའི་དུས་ཚོད་ནི་སྤྱི་ལོ་༢༠༢༣ལོའི་ཟླ་བ་༡པོའི་ཚེས་༡ནས་༢༠༢༣ལོའི་ཟླ་བ་༤པའི་ཚེས་༣༠བར་ཡིན་པས་གཏན་འཁེལ་གྱི་དུས་ཚོད་ནང་དུ་དངུལ་སྤྲོད་དགོས་པ་ལས་དུས་ཚོད་ཡོལ་རྗེས་སྤྲོད་ཐབས་མེད།
      最后,还得提醒大家2023年城乡居民医保缴费时间为2023年1月1日至2023年4月30日,过了时间就不能补缴了哦!!
     ཆེད་དུ་དྲན་སྐུལ་ཞུ་རྒྱུར སྨན་བཅོས་འགན་བཅོལ་གྱི་མ་དངུལ་སྤྲོད་རྒྱུ་དེ་ནི་བརྒྱུད་རིམ་རྙོག་དྲ་ཆེ་བ་ཞིག་ཡིན་པས། དེ་རིང་སྤྲོད་རྗེས་ལས་ཀ་ཚར་བ་ཞིག་ག་ལ་ཡིན་སྲིད།   སྨན་བཅོས་འགན་བཅོལ་གྱི་མ་དངུལ་སྤྲོད་རྒྱུའི་ལས་རིམ་ནི་དངུལ་ཁང་དང་། སྨན་བཅོས་འགན་ལེན་ཚན་ཁག རྒྱལ་ཁབ་ནོར་སྲིད་ཁང་བཅས་རིམ་པ་བསྟར་ཆགས་བརྒྱུད་རྗེས་གཟའ་འཁོར་གཅིག་ལྷག་སྒུག་རྗེས་གཞི་ནས་ལས་གཉེར་གྲུབ་པ་ཞིག་ཡིན་མ་ཟད་ནད་ན་བ་དང་། སྨན་ཉོ་བ་སོགས་ནི་ང་ཚོས་ཚོད་བགམ་མི་ཐུབ་པས་ཚང་མས་དོ་སྣང་དང་།  དུས་ཚོད་དམ་འཛིན་གྱིས་སྨན་བཅོས་འགན་བཅོལ་མ་དངུལ་བསྐྱལ་དགོས།
      还要提醒大家,尽快缴费。我们今天在税务部门缴纳了医保费,不是今天马上到我们的医保账户里哟,还有银行部门入国库,医保部门上到医保账户里等程序,需要一段时间。再说了,生病,买药这种事情,我们是没办法预测的,越早缴费越有保障,不要到跟前才着急哦!
                               更多税费政策问题,欢迎留言咨询。

    转藏 分享 献花(0

    0条评论

    发表

    请遵守用户 评论公约

    类似文章 更多