1961年生于四川凉山,彝族,中国当代著名的少数民族代表性诗人,同时也是一位具有广泛影响的国际性诗人。其诗歌已被翻译成近四十种文字,在世界几十个国家出版了九十余种版本的翻译诗集。主要作品诗集《初恋的歌》《鹰翅与太阳》《身份》《火焰与词语》《我,雪豹》等。曾获中国第三届新诗奖、郭沫若文学奖荣誉奖、庄重文文学奖、英国剑桥大学国王学院银柳叶诗歌终身成就奖、波兰塔德乌什·米钦斯基表现主义凤凰奖等。 ![]() 时 间 吉狄马加 在我的故乡我无法见证一道土墙的全部历史 那是因为在一个瞬间我无法亲历一粒尘埃从诞生到死亡的过程 哦,时间! 是谁用无形的剪刀在距离和速度的平台把你剪成了碎片。 其实我们不用问时间的起源 因为它从来就没有所谓的开始 同样,我们也不用问它的归宿在哪里? 因为在浩瀚的宇宙它等同于无限 时间是黑暗中的心脏 它的每一次跳动都如同一道闪电 它是过去、现在和未来的桥梁 请相信,这并非上帝的意志 仿佛是绝对的真理 当时间离开了我们它便永远不再回头 所有的生命、思想和遗产都栖居在时间的圣殿 哦,时间! 最为公平的法官 它审判谎言 同时它也伸张正义 是它在最终的时刻改变了一切精神和物质的存在形式 它永远在死亡中诞生 又永远在诞生中死亡 它包含了一切 它又在一切之外 如果说在这个世界上有什么东西真正的不朽 我敢肯定地说:那就是时间! དུས་ཚོད། ཅི་ཏེ་མ་ཅཱས་བརྩམས། སྒང་ལམ་པས་བསྒྱུར། ངའི་ཕ་ཡུལ་དུ། ངས་གྱང་གོག་ཞིག་གི་ལོ་རྒྱུས་ཧྲིལ་བོ་ལ་ཅིས་ཀྱང་དཔང་བོ་བྱེད་མི་ནུས། དེ་ནི་སྐད་ཅིག་མར། ངས་ས་རྡུལ་ཞིག་གི་སྐྱེ་བ་ནས་འཆི་བའི་གོ་རིམ་ལ། དངོས་སུ་ལྟ་བར་མི་བཟོད་པས་ཡིན། ཀྱེ། དུས་ཚོད། སུ་ཞིག་གིས་གཟིགས་མེད་ཀྱི་འཚེམ་གྲི་ཐོགས་ཏེ་བར་ཐག་དང་མྱུར་ཚད་ཀྱི་བར་གསེང་ནས། ཁྱེད་རང་སིལ་བུར་བཏང་། དོན་དམ། ང་ཚོས་དུས་ཚོད་ཀྱི་འབྱུང་གནས་འདྲི་མི་དགོས། ཁོ་ལ་སྔར་ཉིད་ནས། ཐོག་མ་ཞེས་པའི་མིང་ཞིག་མེད་པས་ཡིན། དེ་བཞིན། ང་ཚོས་ཀྱང་ཁོའི་མཐར་ཐུག་གི་འགྲོ་ས་གང་ཡིན་པའང་འདྲི་མི་དགོས། འབྱམས་ཀླས་ཀྱི་སྟོང་བའི་ཁམས་ཆེན་མོར་རྫོགས་མཐའ་བྲལ་བས་ཡིན། དུས་ཚོད་ནི་སྨག་རུམ་དབུས་ཀྱི་སྙིང་རྩ་ཡིན། དེ་ཡི་འཕར་ལྡིང་རེ་རེ་ནི་གློག་ཞགས་འཁྱུག་པ་དང་མཚུངས། དེ་ནི་འདས་མ་ད་གསུམ་གྱི་ཟམ་ཆེན་ཡིན་པས། ཡིད་ཆེས་གྱིས་ཤིག འདི་ནི་དཀོན་མཆོག་གི་ཐུགས་དགོངས་མིན་པར། བལྟོས་མེད་ཀྱི་བདེན་དོན་ཞིག་ཏུ་རློམ་ཡང་ཆོག དུས་ཚོད་ང་ཚོ་དང་རིང་དུ་གྱེས་ཚེ། གཏན་དུ་ཕྱིར་ལྡོག་མི་སྲིད། ཚེ་སྲོག་དང་བསམ་བློ། ཤུལ་བཞག་ཐམས་ཅད། དུས་ཚོད་ཀྱི་གཞལ་ཡས་ཁང་དུ་གཞིས་ཆགས་ཡོད། ཀྱེ། དུས་ཚོད། གཟུར་གནས་དྲང་འབྲེལ་གྱི་ཁྲིམས་དཔོན་ཞིག ཁོས་རྫུན་གཏམ་ལ་འདྲི་གཅོད་ནན་མོ་དང་། ཆབས་ཅིག་ཏུ། བདེན་དོན་གྱི་དར་ཆེན་མཐོ་རུ་བསྒྲེངས། མཐར་ཐུག་གི་དུས་ལ། ཁོས་བསམ་པ་དང་དངོས་པོའི་གནས་སྟངས་ལ་བསྒྱུར་བཅོས་བཏང་། དེ་ཉིད་གཏན་དུ་འཆི་བའི་ཀློང་ནས་སྐྱེ་ཞིང་། དེའང་གཏན་དུ་སྐྱེ་བའི་ཁྲོད་ནས་འཆི། དེ་རུ་ཐམས་ཅད་འདུས་ཤིང་། དེ་ཉིད་ཐམས་ཅད་ལས་འདའ། གལ་ཏེ། འཇིག་རྟེན་འདི་རུ་ཉམས་མེད་ཀྱི་བྱ་དངོས་ཤིག་ཡོད་ན། དེ་ནི་དུས་ཚོད་ཡིན་ཞེས་ངས་སྤོབས་པ་ཆེར་བསྐྱེད་ནས་བཤད་ཕོད། ༢༠༢༡ལོའི་ཟླ༣ཚེས༢༤ཉིན་བསྒྱུར། ཞེས་གྱི་ན་བ་སྐྱབས་ཆེན་བདེ་གྲོལ་དུ་འབོད་པས་ཕུལ། |
|